琼结县广大城乡居民基本医疗保险参保人:
根据西藏自治区医疗保障局、西藏自治区财政厅、国家税务总局西藏自治区税务局《关于转发〈关于做好2025年城乡居民基本医疗保障有关工作的通知〉的通知》(藏医保〔2025〕57号)文件规定,2026年度城乡居民基本医疗保险费集中征缴期已经开始啦,请您及时参保缴费哦!
一、集中缴费期
2026年度城乡居民基本医疗保险费集中缴费期为2025年11月1日至2026年1月31日,在规定时间内缴纳医疗保险费的参保居民,城乡居民医保待遇享受期为2026年1月1日至2026年12月31日。
二、个人缴费标准
我区2026年度城乡居民基本医疗保险个人缴费标准为400元和240元两个档次。
三、特殊群体资助政策
全额资助对象:特困供养人员、孤儿(含事实无人抚养儿童)、一二级重度残疾人、边民、已参保登记的女年满60周岁和男年满65周岁的老年人、2025年出生未满一周岁的新生儿,给予全额资助,个人无需缴费。
定额资助对象:城乡低保对象、易返贫致贫人口(含脱贫不稳定户、边缘易致贫户、因病突发严重困难户)、城乡低保边缘对象、经工会部门认定的困难职工等,参加城乡居民基本医疗保险的个人缴费部分给予90%的定额资助。
过渡期低收入人员:收入高于防返贫监测标准且低于防返贫监测标准1.5倍的过渡期脱贫人口,按最高缴费档次(400元)的40%给予缴费资助,即个人缴纳240元,差额160元由医疗救助资金代缴。
先进僧尼:获得自治区级爱国守法先进僧尼或和楷模范僧尼荣誉称号的个人,按照高档(400元)给予全额资助;获得市(地)级相应荣誉称号的,按个人选择的高低两档缴费标准给予50%资助、获得县(区)级相应荣誉称号的,按个人选择的高低两档缴费标准给予25%资助。
四、缴费渠道
(一)线上缴费:
农业银行APP、微信、支付宝进行扫码缴费。
1.“农业银行APP”缴费渠道:打开农业银行APP登录进入首页,选择“生活缴费”功能,点击“更多”后选择“民生服务”下的“社保”功能,点击“国家税务总局西藏自治区税务局-社保缴费”,输入缴费人身份证号码和姓名核实无误后点击下一步,选择“城乡居民基本医疗保险费”险种—选择缴费档次—选择缴费账单后点击下一步进入缴费界面,核实无误后点击“缴费”,输入支付密码,完成缴费。
2.“微信”缴费渠道:打开微信,点击右下角“我”—选择“服务”—选择“城市服务”—选择“社保”—选择“社保缴费”进入“西藏社保缴纳”界面,点击“西藏社保缴费”进入“缴费中心”界面,输入缴费人身份证号码和姓名核实无误后点击下一步,选择“城乡居民基本医疗保险费”险种—选择缴费档次—选择缴费账单后点击下一步进入缴费界面,核实无误后点击“缴费”,输入支付密码,完成缴费。
3.“支付宝”缴费渠道:打开“支付宝”APP进入主页面,如果您在区外,请先定位至“拉萨”或西藏自治区任何一个城市后:一是可以点击主页面“市民中心”选择“社保”功能进入下一页,选择“社保缴费”下的“西藏社保缴费”功能进入“我要缴费”界面;二是也可以通过“支付宝”APP首页搜索“西藏税务或西藏税务社保缴费”,选择“西藏税务社保缴费”小程序进入“我要缴费”界面。点击“我要缴费”—如果给本人缴费,则直接点击“下一步”,如果帮他人缴费,请点击“他人”,输入缴费人姓名和身份证件号码核实无误后,点击“下一步”—选择“城乡居民基本医疗保险费”险种,点击“下一步”进入核对参保信息界面,选择缴费档次,确认无误后点击“提交”进入“确认缴费”界面,再次核实无误后点击“确认缴费”,输入支付密码,完成缴费。
4.农行、微信二维码:

5.支付宝二维码:

(二)线下缴费:持有效身份证件到当地税务机关办税服务大厅、部分政务大厅税务窗口进行缴费。为了费款资金安全,建议广大城乡居民基本医疗保险缴费人通过税务部门推出的线上缴费渠道自主申报缴费。
温馨提示:职工医保个人账户均可为本人配偶、父母、子女等近亲属缴纳城乡居民基本医疗保险。
五、注意事项
1.税务部门负责城乡居民基本医疗保险费收缴工作,医保部门负责城乡居民基本医疗保险参保登记和待遇享受工作。缴费事宜请咨询税务部门,参保登记、待遇享受事宜请咨询人社(医保)部门。
2.申报缴费时如提示“无有效参保登记信息”,请先通过医保部门办理参保登记,再通过上述渠道办理缴费。
3.广大城乡居民基本医疗保险缴费人在缴费前请先确认自己的城乡居民医疗保险参保缴费身份(如:标准、低保、边民、低保救助对象、农村返贫致贫人口、脱贫不稳定户、突发严重困难户、边缘易致贫户等)对应的缴费标准,核对无误后再进行缴费。如果缴费身份对应的缴费标准与实际不符,请在缴费前先向医保经办机构或主管税务部门反馈,核实处理后再进行缴费。
政策咨询请联系县人社局(医保局)政务服务中心
医保窗口:0893-7352646;
缴费问题请联系县税务局:0893-7352115
琼结县人力资源和社会保障局(医疗保障局)
འཕྱོངས་རྒྱས་རྫོང་གི་2026ལོའི་གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྲོན་དངུལ་སྐྱེལ་འགོ་ཚུགས་ཡོད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་རྣམ་པ་ཚོ།
འཕྱོངས་རྒྱས་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་རྣམ་པ་ཚོ། བོད་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུད་དང་། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུད་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུད་ཀྱི<<2025ལོའི་གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་སྲུང་སྐོར་གྱི་འབྲེལ་ཡོད་ལས་དོན་ལེགས་སྒྲུབ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ>>ཡི་ཡིག་ཆའི་གཏན་འབེབས་ལྟར་ན། 2026ལོའི་གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྲོན་དངུལ་གཅིག་སྡུད་ཐོག་སྐྱེལ་བའི་དུས་ཚོད་འགོ་ཚུགས་ཡོད་པས། ཁྱེད་ཀྱིས་དུས་ཐོག་ཏུ་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་སྐྱེལ་རོགས།
གཅིག གཅིག་བསྡུས་གྲོན་དངུལ་སྐྱེལ་བའི་དུས་ཚོད།
2026ལོའི་གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྲོན་དངུལ་གཅིག་སྡུད་ཐོག་སྐྱེལ་བའི་དུས་ཡུན་ནི་2025ལོའི་ཟླ་11ཚེས་1ཉིན་ནས་2026ལོའི་ཟླ་དང་པོའི་ཚེས་31ཉིན་བར་ཡིན་པ་དང་། གཏན་འབེབས་ཀྱི་དུས་ཚོད་ནང་སྨན་བཅོས་འགན་བཅོལ་གྲོན་དངུལ་སྐྱེལ་ནས་འགན་བཅོལ་ནང་ཞུགས་པའི་གྲོང་མིར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ཐོབ་ཐང་ལོངས་སྤྱོད་བྱེད་པའི་དུས་ཡུན་ནི་2026ལོའི་ཟླ་དང་པོའི་ཚེས་1ཉིན་ནས་2026ལོའི་ཟླ་12ཚེས་31ཉིན་བར་ཡིན།
གཉིས། མི་སྒེར་གྱི་གྲོན་དངུལ་སྐྱེལ་བའི་ཚད་གཞི།
རང་ལྗོངས་ཀྱི་2026ལོའི་གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་མི་སྒེར་གྱི་གྲོན་དངུལ་སྐྱེལ་བའི་ཚད་གཞི་ནི་སྒོར་400དང་སྒོར་240རིམ་པ་གཉིས་ཡིན།
གསུམ། དམིགས་བསལ་ཚོགས་པའི་རོགས་སྐྱོར་སྲིད་ཇུས།
རོགས་སྐྱོར་ཆ་ཚང་བྱ་ཡུལ་ནི། དམིགས་བསལ་དབུལ་ཕོངས་འཚོ་སྐྱོང་མི་སྣ་དང་། དྭ་ཕྲུག་(དོན་དངོས་ཐོག་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ་ཚུད་ཡོད།)དབང་པོ་སྐྱོན་ཅན་རིམ་པ་དང་པོ་དང་གཉིས་པ་ཚབས་ཆེ་བ།མཐའ་མཚམས་གྲོང་མི། འགན་བཅོལ་ནང་ཞུགས་པར་ཐོ་འགོད་བྱས་ཟིན་པའི་བུད་མེད་ལོ་60ལ་སོན་པའི་རྒན་རྒོན་དང་།སྐྱེས་པ་ལོ་65ལ་སོན་པའི་རྒན་རྒོན། 2025ལོར་སྐྱེས་པའི་ལོ་གཅིག་མ་ལོན་པའི་ཕྲུ་གུ་དམར་འབྱར་བཅས་ལ་རོགས་སྐྱོར་ཆ་ཚང་སྤྲོད་རྒྱུ་དང་མི་སྒེར་གྱིས་གྲོན་དངུལ་སྤྲོད་མི་དགོས།
བཅད་གྲངས་རོགས་སྐྱོར་བྱ་ཡུལ་ནི། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་འགན་བཅོལ་བྱ་ཡུལ་དང་། དབུལ་ཕོངས་སུ་འགྱུར་སླ་བའི་མི་འབོར་(དབུལ་གྲོལ་གཏན་འཇགས་མེད་པའི་དུད་ཚང་དང་། མཐའ་མཚམས་ཀྱི་དབུལ་ཕོངས་སུ་འགྱུར་སླ་བའི་དུད་ཚང་། ནད་ཕོག་ནས་གློ་བུར་དུ་དཀའ་ངལ་ཚབས་ཆེན་ཡོད་པའི་དུད་ཚང་བཅས་ཚུད་ཡོད། ) གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམའ་མཐའི་འཚོ་བའི་འགན་སྲུང་གི་མཐར་ལུས་ཁ་གཏད། བཟོ་ཚོགས་སྡེ་ཁག་གིས་ངོས་འཛིན་བྱས་པའི་དཀའ་ངལ་ཡོད་པའི་ལས་བཟོ་སོགས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ལ་མི་སྒེར་གྱིས་གྲོན་དངུལ་སྤྲད་པའི་ཆ་ཤས་ལ་བཅད་གྲངས་རོགས་སྐྱོར་90%སྤྲོད་རྒྱུ།
བར་བརྒལ་དུས་སྐབས་ཀྱི་ཡོང་འབབ་དམའ་བའི་མི་སྣ། ཡོང་འབབ་དེ་དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་ཚད་གཞི་ལས་མཐོ་བ་མ་ཟད། དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་ཚད་གཞི་ལས་ལྡབ་1.5ལས་དམའ་བའི་བར་བརྒལ་དུས་སྐབས་ཀྱི་དབུལ་སྐྱོར་མི་འབོར་ལ་གྲོན་དངུལ་སྐྱེལ་རྒྱུའི་རིམ་པ་མཐོ་ཤོས་སྒོར་400ཡི་40%ལྟར་གྲོན་དངུལ་སྐྱེལ་བའི་རོགས་སྐྱོར་བྱ་རྒྱུ་སྟེ། མི་སྒེར་གྱིས་སྒོར་240འཇལ་རྒྱུ་དང་། ཆད་གྲངས་སྒོར་160སྨན་བཅོས་རོགས་སྐྱོབ་མ་དངུལ་གྱིས་ཚབ་འཇལ་བྱ་རྒྱུ།
སྔོན་ཐོན་གྲྭ་བཙུན། རང་སྐྱོང་ལྗོངས་རིམ་པའི་རྒྱལ་གཅེས་ཁྲིམས་སྲུང་སྔོན་ཐོན་གྲྭ་བཙུན་ནམ་ཡང་ན་ཞི་མཐུན་དཔེ་བཟང་གི་སྔོན་ཐོན་དགོན་པའི་གྲྭ་བཙུན་གྱི་གཟི་བརྗིད་མཚན་སྙན་ཐོབ་པའི་མི་སྒེར་ལ་རིམ་མཐོ་ཤོས་ཀྱི་སྒོར་400ལྟར་རོགས་སྐྱོར་ཆ་ཚང་སྤྲོད་རྒྱུ། གྲོང་ཁྱེར(ས་ཁུལ་)རིམ་པའི་དེ་མཚུངས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པར་མི་སྒེར་གྱིས་བདམས་པའི་མཐོ་དམན་རིམ་པ་གཉིས་ཀྱི་གྲོན་དངུལ་སྐྱེལ་ཚད་གཞིར་བཟུང་ནས་རོགས་སྐྱོར་50%བྱ་རྒྱུ་དང་། རྫོང་(ཆུས་)རིམ་པའི་དེ་མཚུངས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པར་མི་སྒེར་གྱིས་བདམས་པའི་མཐོ་དམན་རིམ་པ་གཉིས་ཀྱི་གྲོན་དངུལ་སྐྱེལ་ཚད་གཞིར་བཟུང་ནས་རོགས་སྐྱོར་25%བྱ་རྒྱུ།
བཞི། གྲོན་དངུལ་སྐྱེལ་བའི་ཐབས་ལམ།
(གཅིགདྲ་ཐོག་ནས་གྲོན་དངུལ་སྐྱེལ་བ། )
ཞིང་ལས་དངུལ་ཁང་གི་APPདང་། སྐད་འཕྲིན་དང་། དངུལ་སྤྲོད་པའོ་བཅས་ཀྱི་རྩ་གཉིས་ཨང་གྲངས་འབེབས་བྱས་ནས་གྲོན་དངུལ་སྐྱེལ་རྒྱུ་རེད།
1.“ཞིང་ལས་དངུལ་ཁང་APPཐོག་ནས་གྲོན་དངུལ་སྐྱེལ་བའི་ཐབས་ལམ། ཞིང་ལས་དངུལ་ཁང་APPཡི་ཐོ་འགོད་ཁ་ཕྱེ་ནས་ཤོག་ངོས་དང་པོའི་ནང་དུ་འཛུལ་ཏེ། “འཚོ་བའི་གྲོན་དངུལ་སྐྱེལ་བའི”བྱེད་ནུས་འདེམས་རྗེས། “དེ་བས་མང་བ་”མནན་ནས། “དམངས་འཚོ་ཞབས་ཞུའི”འོག་གི་“སྤྱི་ཚོགས་འགན་སྲུང་”བྱེད་ནུས་འདེམས་རྗེས། “རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུད་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུད-སྤྱི་ཚོགས་འགན་སྲུང་གྲོན་དངུལ་སྐྱེལ་བའི”བྱེད་ནུས་གནོན་རྗེས། གྲོན་དངུལ་སྐྱེལ་མཁན་གྱི་ཐོབ་ཐང་ཨང་གྲངས་དང་རུས་མིང་ནང་འཇུག་བྱས་ནས་ནོར་འཁྲུལ་མེད་པར་ཞིབ་དཔྱད་བྱས་རྗེས་གོམ་སྟོབས་རྗེས་མ་གནོན་རྗེས། “གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྲོན་དངུལ་”ཞེས་པའི་འགན་བཅོལ་རིགས་འདེམས་པ་དང་། དེ་ནས་གྲོན་དངུལ་སྐྱེལ་བའི་རིམ་པ་འདེམས་པ། དེ་ནས་གྲོན་དངུལ་སྐྱེལ་བའི་རྩིས་ཐོ་འདེམས་རྗེས་གོམ་སྟོབས་རྗེས་མ་གནོན་ནས་གྲོན་དངུལ་སྐྱེལ་བའི་ངོས་སུ་འཛུལ་བ་དང་། དེ་ནས་ནོར་འཁྲུལ་མེད་པར་ཞིབ་དཔྱད་བྱས་རྗེས་“གྲོན་དངུལ་སྐྱེལ་བའི”བྱེད་ནུས་གནོན་རྗེས། གྲོན་དངུལ་སྐྱེལ་བའི་གསང་གྲངས་ནང་འཇུག་བྱས་ནས་གྲོན་དངུལ་སྐྱེལ་དགོས།
2.སྐད་འཕྲིན་ཐོག་ནས་གྲོན་དངུལ་སྐྱེལ་བའི་ཐབས་ལམ། སྐད་འཕྲིན་ཁ་ཕྱེ་ནས་གཡས་འོག་གི་“ང་”གནོན་པ།དེ་ནས“ཞབས་ཞུ་”འདེམས་པ།དེ་ནས་“གྲོང་ཁྱེར་གྱི་ཞབས་ཞུ་”འདེམས་པ།དེ་ནས་“སྤྱི་ཚོགས་འགན་སྲུང་”འདེམས་པ།དེ་ནས་“སྤྱི་ཚོགས་འགན་བཅོལ་གྲོན་དངུལ་སྐྱེལ་བ་”འདེམས་པ།དེ་ནས་“བོད་ཀྱི་སྤྱི་ཚོགས་འགན་བཅོལ་འཇལ་བ”འདེམས་ནས་“བོད་ཀྱི་སྤྱི་ཚོགས་འགན་བཅོལ་འཇལ་བ”ཞེས་པའི་ཤོག་ངོས་སུ་འཛུལ་བ།དེ་ནས་“བོད་ཀྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་སྐྱེལ་བ་”གནོན་ནས་“གྲོན་དངུལ་སྐྱེལ་སའི་ལྟེ་གནས་”ཞེས་པའི་ཤོག་ངོས་སུ་འཛུལ་ནས་དངུལ་སྤྲོད་མཁན་གྱི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་དང་རུས་མིང་ཞིབ་བསྡུར་འཕྱུགས་མེད་བྱས་རྗེས་གོམ་སྟབས་རྗེས་མ་མནན་ནས“གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྲོན་དངུལ”གྱི་འགན་བཅོལ་རིགས་འདེམས་པ།དེ་ནས་གྲོན་དངུལ་རིམ་པ་འདེམས་པ།དེ་ནས་དངུལ་སྤྲོད་རྩིས་ཐོ་འདེམས་རྗེས་གོམ་སྟབས་རྗེས་མ་མནན་ནས་གྲོན་དངུལ་སྐྱེལ་བའི་ཤོག་ངོས་སུ་འཇུག་པ་དང་།ཞིབ་བསྡུར་འཁྲུལ་མེད་བྱས་རྗེས“གྲོན་དངུལ་སྐྱེལ”ཅེས་པ་མནན་ནས་དངུལ་སྤྲོད་གསང་ཨང་བླུགས་ཏེ་དངུལ་སྤྲོད་ལེགས་གྲུབ་བྱེད་དགོས།
3.དངུལ་སྤྲོད་འབོ་ནས་དངུལ་སྐྱེལ་བའི་བརྒྱུད་རིམ་། དངུལ་སྤྲོད་འབོ་APPཁ་ཕྱེ་ནས"བོད་ལྗོངས་ཁྲལ་དོན་སྤྱི་ཚོགས་འགན་སྲུང་གྲོན་དངུལ་སྐྱེལ་བ་"ཞེས་པ་འཚོལ་བཤེར་བྱས་ནས་→ངས་གྲོན་དངུལ་སྐྱེལ་བ་→དགོས་མཁོ་ལྟར་རང་ཉིད་དམ་མི་གཞན་གནོན་པ་མ་ཟད་ཐོབ་ཐང་ལག་ཁྱེར་དང་མིང་འགོད་རྒྱུ་→གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྲོན་དངུལ་འདེམས་པ་→དངུལ་སྤྲོད་རིམ་པ་འདེམས་པ་→གཞི་རྩིའི་ཆ་འཕྲིན་གཏན་འཁེལ་བྱས་རྗེས་གཏོང་སྤྲོད་གསང་ཨང་བཅུག་ནས་གྲོན་དངུལ་སྐྱེལ་རྒྱུ། (གལ་ཏེ་མི་གཞན་ལ་གྲོན་དངུལ་སྐྱེལ་རོགས་བྱས་ན། མི་གཞན་ལ་གནོན་དང་། གྲོན་དངུལ་སྐྱེལ་མཁན་གྱི་མིང་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་ནང་འཇུག་བྱས་ནས་ནོར་འཁྲུལ་མེད་པར་ཞིབ་དཔྱད་བྱས་རྗེས། གོམ་སྟོབས་རྗེས་མ་ལ་གནོན་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྲོན་དངུལ་གྱི་འགན་བཅོལ་རིགས་འདེམས་དགོས། གོམ་སྟོབས་རྗེས་མ་གནོན་ནས་འགན་བཅོལ་ལ་ཞུགས་པའི་ཆ་འཕྲིན་ཞིབ་བསྡུར་གྱི་ངོས་སུ་འཛུལ་དགོས། གྲོན་དངུལ་སྐྱེལ་བའི་རིམ་པ་འདེམས་དགོས། ནོར་འཁྲུལ་མེད་པར་གཏན་འཁེལ་བྱས་རྗེས་འབུལ་དགོས་པ་དང་། དངུལ་སྤྲོད་གཏན་འཁེལ་གྱི་ངོས་སུ་འཛུལ་ནས་ཡང་བསྐྱར་ནོར་འཁྲུལ་མེད་པར་ཞིབ་དཔྱད་བྱས་རྗེས་དངུལ་སྤྲོད་གཏན་འཁེལ་བྱེད་པ་དང་། དངུལ་སྤྲོད་གསང་གྲངས་ནང་འཇུག་བྱས་ནས་དངུལ་སྤྲོད་ལེགས་འགྲུབ་བྱེད་དགོས། )
4.ཞིང་ལས་དངུལ་ཁང་དང་འཕྲིན་ཕྲན་རྩ་གཉིས་ཨང་རྟགས།

5.དངུལ་སྤྲོད་འབོའི་རྩ་གཉིས་ཨང་རྟགས།

(གཉིས། ལས་སྟེགས་ནས་གྲོན་དངུལ་སྐྱེལ་བ། )
ནུས་ལྡན་གྱི་ཐོབ་ཐང་ལག་ཁྱེར་ཁྱེར་ནས་ས་གནས་དེ་གའི་ཁྲལ་དོན་ལས་ཁུངས་ཀྱི་ཁྲལ་དོན་ལས་སྒྲུབ་ཞབས་ཞུའི་ཚོམས་ཆེན་དང་སྲིད་དོན་ཚོམས་ཆེན་ཁག་གཅིག་གི་ཁྲལ་དོན་སྒེའུ་ཁུང་དུ་སོང་ནས་གྲོན་དངུལ་སྐྱེལ་དགོས། གྲོན་དངུལ་དང་མ་དངུལ་བདེ་འཇགས་ཡོང་ཆེད། རྒྱ་ཆེའི་གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྲོན་དངུལ་སྐྱེལ་མཁན་གྱིས་ཁྲལ་དོན་སྡེ་ཚན་གྱིས་བཏོན་པའི་དྲ་ཐོག་གི་གྲོན་དངུལ་སྐྱེལ་བའི་ཐབས་ལམ་བརྒྱུད་རང་བདག་གིས་གྲོན་དངུལ་རེ་ཞུ་བྱེད་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན།
དྲན་སྐུལ་ཞུ་རྒྱུར།ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཁྲས་རང་ཉིད་ཀྱི་བཟའ་ཟླ་དང་།ཕ་མ།བུ་ཕྲུག་སོགས་གཉེན་ཉེ་ཚོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་འཇལ་ཆོག་གི་ཡོད།
ལྔ། དོ་སྣང་བྱ་དགོས་དོན།
1.ཁྲལ་དོན་སྡེ་ཚན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྲོན་དངུལ་བསྡུ་ལེན་བྱེད་པའི་ལས་ཀའི་འགན་འཁུར་རྒྱུ་དང་། སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་དང་ཐོབ་ཐང་ལོངས་སྤྱོད་བྱེད་པའི་ལས་ཀའི་འགན་འཁུར་རྒྱུ། གྲོན་དངུལ་སྐྱེལ་བའི་དོན་དག་ཁྲལ་དོན་སྡེ་ཚན་ལ་བློ་འདྲི་གནང་རོགས། འགན་བཅོལ་ནང་ཞུགས་པའི་ཐོ་འགོད་དང་ཐོབ་ཐང་ལོངས་སྤྱོད་བྱེད་པའི་དོན་དག་ནི་ཁོངས་གཏོགས་ཀྱི་སྨན་བཅོས་འགན་བཅོལ་སྡེ་ཚན་ལ་བློ་འདྲི་གནང་རོགས།
2.གྲོན་དངུལ་སྐྱེལ་རྒྱུའི་རེ་ཞུ་བྱེད་སྐབས་གལ་ཏེ་“ནུས་ལྡན་གྱི་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་ཆ་འཕྲིན་མི་འདུག་”ཅེས་པའི་དྲན་སྐུལ་ཐོན་ཚེ། སྔོན་ལ་སྨན་བཅོས་འགན་བཅོལ་སྡེ་ཁག་བརྒྱུད་ནས་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་བྱེད་པ་དང་། དེ་ནས་གོང་གསལ་གྱི་ཐབས་ལམ་བརྒྱུད་ནས་གྲོན་དངུལ་སྐྱེལ་དགོས།
3.རྒྱ་ཆེའི་གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་སྐྱེལ་མཁན་གྱིས་གྲོན་དངུལ་མ་སྐྱེལ་སྔོན་ལ་རང་ཉིད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་སྐྱེལ་བའི་ཐོབ་ཐང་(དཔེར་ན་ཚད་གཞི་དང་། དམའ་མཐའི་འགན་སྲུང་། མཐའ་མཚམས་གྲོང་མི། དམའ་མཐའི་རོགས་སྐྱོབ་ཁ་གཏད། གྲོང་གསེབ་ཀྱི་དབུལ་ལོག་དབུལ་གྱུར་མི་གྲངས། དབུལ་གྲོལ་གཏན་འཇགས་མིན་པའི་དུད་ཚང་། གློ་བུར་དུ་དཀའ་ངལ་ཚབས་ཆེན་ཐོན་པའི་དུད་ཚང་། མཐའ་མཚམས་ཀྱི་དབུལ་ཕོངས་སུ་གྱུར་པའི་དུད་ཚང་སོགས)དང་མཐུན་པའི་གྲོན་དངུལ་སྐྱེལ་བའི་ཚད་གཞི་གཏན་འཁེལ་བྱས་ནས་ནོར་འཁྲུལ་མེད་རྗེས་གྲོན་དངུལ་སྐྱེལ་དགོས། གལ་ཏེ་གྲོན་དངུལ་སྐྱེལ་བའི་ཐོབ་ཐང་དང་དེ་མཚུངས་ཀྱི་གྲོན་དངུལ་སྐྱེལ་བའི་ཚད་གཞི་དེ་དོན་དངོས་དང་མི་མཐུན་པ་ཡིན་ན། གྲོན་དངུལ་མ་སྐྱེལ་གོང་སྔོན་ལ་སྨན་བཅོས་འགན་བཅོལ་གཉེར་སྐྱོང་སྒྲིག་གཞིའམ་ཡང་ན་གཙོ་གཉེར་ཁྲལ་དོན་སྡེ་ཚན་ལ་ཚུར་ལན་སྤྲོད་དགོས་པ་དང་། ཞིབ་དཔྱད་ཐག་གཅོད་བྱས་རྗེས་གྲོན་དངུལ་སྐྱེལ་དགོས།
སྲིད་ཇུས་བློ་འདྲི་བྱེད་དགོས་ཚེ་རྫོང་མི་སྤྱི་ཅུད་(སྨན་བཅོས་འགན་སྲུང་ཅུད)སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱི་སྒེའུ་ཁུང་ལ་འབྲེལ་བ་གནང་རོགས།0893-7352646
གྲོན་དངུལ་སྐྱེལ་བའི་གནད་དོན་ཐད་རྫོང་ཁྲལ་དོན་ཅུད་ལ་འབྲེལ་བ་གནང་རོགས། 0893-7352115
འཕྱོངས་རྒྱས་རྫོང་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད། (སྨན་བཅོས་འགན་སྲུང་ཅུད)
2025ལོའི་ཟླ་11ཚེས་6ཉིན།
